༄༅།།རིགས་ལྡན་རྣམས་ཀྱི་གསོལ་འདེབས་དང༌། འཇིགས་བྱེད༌སྨོན་ལམ་སོགས་བཞུགས་སོ།།
༄༅། །ཨོཾ་སྭ་སྟི། འགྱུར་མེད་བདེ་བས་ལས་རླུང་བེམ་པོའི་རྒྱུན། །ཉེར་བཅོམ་བདེ་སྟོང་ཡེ་ཤེས་རོལ་བའི་རྩལ། །སྟོང་གཟུགས་སྐུ་ཡི་རི་མོར་ཡོངས་སྨིན་པ། །བླ་མ༌དང་པོའི་མགོན་པོར་གསོལ་བ་འདེབས། །ས་གཞི་པདྨའི་དབྱིབས་ལྡན་ཡུལ་ལྗོངས་སུ། །མང་བཀུར་རྒྱལ་ཕྲན་བྱེ་བའི་ཟུར་ཕུད་རྩེར། །ཞབས་སེན་དགེ་མཚན་སྟོང་འབར་ཆོས་རྒྱལ་དང༌། །རིགས་ལྡན་ཆེན་པོ་རྣམས་ལ་གསོལ་བ་འདེབས། །བཞི་ལྡན་དཔུང་གི་འཕྲིན་ལས་གཟི་འོད་ཀྱིས། །ལྟ་ངན་ཀླ་ཀློ་མཚན་མོར་རྒྱུ་བའི་དཔུང༌། །འཇོམས་མཛད་རིགས་ལྡན་དྲག་པོ་ཉིན་བྱེད་དབང༌། །མི་ཕྱེད་དད་པའི་ཡིད་ཀྱིས་གསོལ་བ་འདེབས། །མགོན་ཁྱོད་…