ཁང་ཚན་གྱི་དཔེ་མཛོད། 

འདུས་མང་གིས་འོས་བསྡུ། ལས་ཡུན་ལོ་གསུམ། ལས་མི་གསུམ།

ལས་འགན་ནི། ཁང་ཚན་གྱི་དཔེ་མཛོད་དུ་གྲྭ་མང་ལ་ཕན་ཐོགས་ཡོད་པའི་དགོས་མཁོ་ཅན་གྱི་དཔེ་དེབ་རིགས་ཉོ་སྒྲུབ་བྱེད་པ། ཁང་ཚན་གྱི་དགེ་འདུན་པ་སྒེར་སོ་སོ་ལ་དཔེ་དེབ་གཡར་དགོས་རིགས་མཆིས་ན་ཐོ་འགོད་བྱས་ནས་གཡར་ལེན་བྱེད་པ། ཁང་ཚན་གྱིས་བགྲོ་གླེང་དང་དོགས་དཔྱོད་རིགས་འཚོགས་སྐབས་དཔེ་ཆ་ལྟ་དགོས་རིགས་རྣམས་མཐུན་རྐྱེན་སྦྱོར་བ། ལོ་རེ་རེའི་ནང་<<ཆོས་རའི་ནང་གི་དྷིཿསྐད་>>དུས་དེབ་དུས་ཐོག་ལྟར་རྩོམ་སྒྲིག་བྱས་ནས་འགྲེམས་སྤེལ་བྱེད་པ། ཁང་ཚན་སློབ་གཉེར་བ་རྣམས་དང་གཞན་དགེ་བཤེས་མཁས་དབང་རྣམས་ནས་གཞུང་ཆེན་མོའི་དོགས་དཔྱོད་གནང་བ་ཁག་བསྡུ་རུབ་བྱས་ནས་དུས་དེབ་ཀྱི་སྤུས་ཀ་ཡག་ཏུ་གཏོང་བ་སོགས་ཀྱི་འགན་འཁུར་བྱེད་དགོས།