ང་ཚོའི་སྐོར།

༄༅། །སོག་པ་འཇམ་དབྱངས་ཁང་ཚན་ཞེས་པའིི་དྲ་བ་འདི་སོག་པ་འཇམ་དབྱངས་ཁང་ཚན་གྱི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་དགེ་བཤེས་བློ་བཟང་རྣམ་རྒྱལ་དང་དགེ་འདུན་པ་འགས་ཁང་ཚན་འདིའི་ཆོས་ཕྱོགས་ཀྱི་དགོས་མཁོ་ལ་གཟིགས་དེ་སྒྲིག་སྦྱོར་བྱས་པ་ཞིག་ཡིན།

དམིགས་ཡུལ་གཙོ་བོ།

ཁང་ཚན་འདི་ནས་སློབ་གཉེར་མཐར་ཕྱིན་ཏེ་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་ཕན་རླབས་ཆེན་པོ་གནང་པའི་གནའ་དེང་གི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་ཀྱི་རྣམ་ཐར་དང་དེ་རྣམས་ཀྱི་གསུངས་རྩོམ་དང་། ལོ་རྒྱུས་དུས་རབས་ཀྱི་འགྲོས་དང་བསྟུན་ནས་ཁང་ཚན་འདི་ལ་འབྲེལ་ཡོད་གཞོན་སྐྱེས་ཚོ་ནང་ཆོས་དང་བོད་ཡིག་ལ་སྤྲོ་བ་བསྐྱེད་པ་དང་ཁང་ཚན་ལ་དོ་སྣང་བྱེད་མཁན་དང་འབྲེལ་ཡོད་རྣམས་ཀྱིས་ཁང་ཚན་འདིའི་དངོས་ཡོད་གནས་ཚུལ་མཁྱེན་རྟོགས་ཡོང་བའི་ཆེད་དུ་དྲ་རྒྱ་འདི་བཟོས་པ་ཡིན།

དགག་བྱ། ཆབ་སྲིད་དང་ངག་འཁྱལ་གྱི་རིགས་དྲ་ཚིགས་འདིར་རྩ་བ་ནས་སྤེལ་མི་ཆོག
ཚོགས་གཙོ། དགེ་བཤེས་བློ་བཟང་རྣམ་རྒྱལ།
ལས་རོགས། དགེ་བཤེས་ཀླུ་སྒྲུབ་ཉི་མ། དགེ་བཤེས་དཀོན་མཆོག་ཀུན་དགའ། དགེ་བཤེས་འཇམ་དབྱངས་སྦྱིན་པ།
དྲ་རྒྱ་འདིའི་བཟོ་བཀོད་དང་འགྲོ་སོང་གི་སྦྱིན་བདག གྲྭ་ཟུར་ཚ་རུ་མའི་ཀླུ་སྒྲུབ་མང་ཐོས།

འབྲེལ་གཏུགས།

Geshe Lobsang Namgyal
Gaden Shartse Sockpa Khangtsen
P.O Tibetan colony 581411 Mundgod Karnataka India
Email:- gasharsockpa@gmail.com