ཁང་ཚན་གྱི་དབུ་མཛད་ཆེན་མོ།

འདུས་མང་གིས་འོས་བསྡུ། ལས་ཡུན་ལོ་གསུམ།

ལས་འགན་ནི། ཁང་ཚན་གྱི་ཞབས་རིམ་དང་མཆོད་པ་བཤམས་བཀོད་སོགས་གཙོ་བོ་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་ལ་ཐུགས་འགན་གཙོ་བོ་འཁུར་དགོས། དེ་ཡང་དབུ་མཛད་སུ་ཁེལ་བ་ཡིན་ན་ཁང་ཚན་གྱི་འདོན་རྟ་དབྱངས་དང་རྡུང་ཕྱག་ལེན་སོགས་ནི་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཕྱག་བཞེས་ལྟར་གནང་དགོས་པ་ལས་རང་གི་གཞི་དགོན་གྱི་ཕྱག་སྲོལ་སོགས་གྲྭ་ཚང་དང་མི་མཐུན་པའི་ཕྱག་སྲོལ་གང་ཡང་གནང་མི་ཆོག