ལུང་དཀར་དགོན་པ།

༄༅། །ལུང་དཀར་དགོན་དགའ་ལྡན་ཆོས་འཕེལ་གླིང་ནི། ཁྱབ་བདག་འགྲོ་བའི་མགོན་པོ་༸པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་དཔལ་བཟང་པོ་མཆོག་གིས་ཞལ་བཀོད་ལྟར་རབ་བྱུང་བཅུ་གཉིས་པའི་ས་མོ་གླང་སྟེ་ཕྱི་ལོ་ ༡༧༠༩ ལོར་ཨ་མཆོག་སྐུ་ཕྲེང་དང་པོ་བསོད་ནམས་ཆོས་འཕེལ་གྱི་ཨ་ཁུ་ཨ་མཆོག་རྒྱ་བོའམ་མཚན་དངོས་ཨ་མཆོག་བློ་བཟང་ཡེ་ཤེས་ཀྱིས་གཉན་པོ་གཡུ་རྩེའི་ཉེ་འདབས་ལྷ་ལུང་ཞེས་པའི་གནས་དེར་ཕྱག་བཏབ་སྟེ་དགོན་པའི་མཚན་ལ་བསམ་འགྲུབ་བདེ་ལྡན་གླིང་ཞེས་བཏགས། དེའི་རྗེས་ ༡༨༤༢ ལོར་གནས་དེར་ས་འགུལ་བྱུང་བའི་རྐྱེན་གྱིས་ཁང་རྒན་དཔོན་ངག་དབང་བསྟན་འཛིན་གྱིས་རེ་ཞུས་ལྟར་ཨ…

0 Comments

མཚན་ཉིད་དགོན།

༄༅།།ལྷོ་རྒྱུད་བསྟན་པའི་མཛེས་རྒྱན་ཆོས་ཀྱི་སྡེ་ཆེན་པོ་ཨ་མཆོག་མཚན་ཉིད་དགོན་དཔལ་ལྡན་སྨྲ་བའི་སེངྒེ་གླིང་གི་ལོ་རྒྱུས་མདོ་ཙམ་བརྗོད་པ་བཞུགས་སོ། ། ན་མོ་གུ་རུ་མཛྙུ་གྷོ་ཥ་ཡ། རྨད་བྱུང་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས། ། ཉེས་བའི་དྲི་མ་མཐའ་དག་རྩད་ནས་སྤངས། ། ཀུན་ལ་ཉེ་རིང་མེད་པའི་ཐུགས་རྗེ་ཅན། །མཉམ་མེད་ཐུབ་པའི་དབང་བོ་མཆོག་དེར་འདུད། ། རབ་འབྱམས་རྒྱལ་བའི་ཡེ་ཤེས་རང་གཟུགས་ནི།།མཚུངས་མེད་བླ་མ་མཆོག་གི་སྐུ་ཤར་བ། །ཁམས་གསུམ་འགྲོ་བའི་སྐྱབས་གཅིག་བློ་བཟང་གྲགས། །རྗེ་བཙུན་ཙོང་ཁ་པ་ལ་སྙིང་ནས་འདུད། །འཇིགས་མེད་འཇམ་མགོན་རྒྱལ་བའི་བས…

0 Comments

དགོན་གསར་དགོན་དགའ་ལྡན་འཇམ་དབྱངས་གླིང༌།

མཚན་ཉིད་དགོན་གྱི་སྒྲུབ་སྡེ་དགོན་གསར་དགའ་ལྡན་འཇམ་དབྱངས་གླིང༌ནི། རྔ་བ་མཁར་རིས་སུ་གྲགས་པ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁ་གྱ་དགེ་བཤེས་མན་ངག་གསུམ་ལ་མཁས་པ་བློ་བཟང་ཚུལ་ཁྲིམས་ཀྱིས་བཏབ། གཞན་ཡང་དགའ་ལྡན་ཤར་རྩེ་སོག་པ་རབ་འབྱམས་པ་བློ་བཟང་ཕུན་ཚོགས་ཀྱིས་བཏབ་ཀྱང་ཟེར། ཁ་གྱ་དགེ་བཤེས་ཀྱིས་བསོད་གྲགས་པའི་གསང་འདུས་བསྐྱེད་རྫོགས་དཔར་དུ་བསྐྲུན། ལྷ་མོའི་ཀིརྟིའི་རྒྱུད་ཁྲི་མཛད། མངོན་སྤྱོད་ཀྱི་ལས་སྒྲུབ་པར་ཆོས་རྒྱལ་རང་བཞིན་དུ་འཁོར། སངས་རྒྱས་ལོག་པར་དད་སེལ་གྱི་ཞིང་ནས་བྱོན་པ་ཡིན་ཞེས་ཞལ་ལས་གསུངས། རྗེས་ནས་ཨ་མཆོག་རིམ་བྱོན་གྱིས་བསྐྱངས། …

0 Comments

སྐྱ་འགོ་དགོན་པ།

ཨ་མཆོག་མཚན་ཉིད་དགོན་གྱི་སྒྲུབ་སྡེ་སྐྱ་འགོ་དགོན་ནི། ཁྱོམ་ཚ་བླ་མ་འཇིགས་མེད་ཚུལ་ཁྲིམས་ཀྱིས་མཎྜལ་ཀླད་ཟེར་བར་བཏབ། སྐྱབས་མགོན་མཆོག་གིས་བཀྲ་ཤིས་རྒྱལ་ཞེས་མཚན་བཏགས། བཀྲ་ཤིས་འཁྱིལ་དུ་གྲྭ་སར་ཞུགས་ཏེ་འདོན་རྟ་དབྱངས་སོགས་གང་ཆ་ནས་མ་ཚང་བ་མེད་པ་འདི་བླ་བྲང་གི་འཆམ་གསར་འཛུགས་དུས་སུ་ཆོས་རྒྱལ་གྱི་འབག་འཆམ་པ་ཡིན། དེའི་སྤྲུལ་སྐུ་ཨ་མཆོག་མགོན་པོ་རྒྱལ་གྱི་སྲས་དམུ་དགེར་བཞུགས། འདི་དང་བོ་འདེབས་དུས་ལྡིང་ཁོག་གནམ་དགེ་ཟེར་བའི་ས་ནོར་བས་ཡུན་རིང་མ་བཞུགས། ཕྱིས་སུ་འབྲས་རྩེ་ཕྱོགས་སུ་སྤོས་པའི་སྐྱ་འགོའི་དགོན་ཟེར། བཀྲ་ཤིས་འཁྱིལ་གྱི་གྲྭ་ཚ…

0 Comments

བྲག་དཀར་དགོན་བཀྲ་ཤིས་དགེ་འཕེལ་གླིང་།

2020 བྲག་དཀར་དགོན་བཀྲ་ཤིས་དགེ་འཕེལ་གླིང་ནི། ཕྱོགས་བཞི་ཆོས་རྗེ་བསམ་འགྲུབ་ཚང་གིས་བཏབ། འདེབས་ལོ་གསལ་བོ་མ་ངེས་ནའང་། འདི་བ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་སློབ་མ་ཡིན་པར་བཤད་པས། པཎ་ཆེན་འདི་བ་རབ་བྱུང་བཅུ་བའི་ལྕགས་སྟག་ལོར་འཁྲུངས་ཤིང་། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོར་འདས་པ་དང་བསྡུར་ན། རབ་ཕྱོགས་ཀྱི་སྨད་དམ་རབ་དྲག་གི་སྟོད་ཅིག་ཏུ་བཏབ་པར་འདྲ། མདོ་སྨད་ཆོས་འབྱུང་ལས་སྔོན་མ་ཞིག་གིས་བར་བཞིར་དགོན་པ་བཞི་བཏབ་གསུངས་པ་དེའི་འདེབས་པ་བོ་དང་དགོན་པ་བཞི་བོའི་མིང་ཙམ་ཡང་མི་ངེས། གང་ལྟར་ཡང་ཆོས་རྗེ་བསམ་འགྲུབ་ཚང་བར་བཞིའི་དགོན་པར་བཞུགས…

0 Comments

༄༅། །དཀར་ཆེན་བྱམས་པ་གླིང་།

2020 དཀར་ཆེན་བྱམས་པ་གླིང་ནི་མཚན་སྒྲོགས་མཁན་པོ་ཡོན་ཏན་གྲགས་པས་ཕྱག་འདེབས་མཛད། དགོན་འདིའི་ལོ་རྒྱུས་བསྡུས་པ་ཞིག་ལ། སྤྱི་ལོ་༡༣༥༠ ལོར་གསར་འདེབས་བྱས་ཞེས་བྲིས་ཀྱང་། མཁན་ཆེན་འདི་བ་༡༦༨༤ ལོར་འཁྲུངས་པར་གསུངས་པ་དང་། སྤྲོ་ཚིགས་དགོན་ ༡༧༤༩ ལོར་བཏབ་པར་བཤད་པ་ལྟར་ན་འདིའི་ཡས་མས་ཞིག་ཏུ་བཏབ་པར་མངོན། དེ་ནས། ཨ་མཆོག་ངག་དབང་བརྩོན་འགྲུས། འཚམས་ཚ་ངག་དབང་ཤེས་རབ། ཨ་མཆོག་བླ་མ་བློ་བཟང་དཔལ་འབྱོར། སྔགས་རམས་པ་བློ་བཟང་ཡོན་ཏན། དགེ་བཤེས་བསོད་ནམས་ཆོས་འཕེལ། འདི་གཉིས་གོ་བསྣོལ་སའང་ཡོད། ཆོས་འབྱུང་ལས་རབ་འབྱམས་པ་ཆོས་འབྱོར་རྒྱ་མཚོ། བསོད་ནམས…

0 Comments

གཞུ་ཤུབས་དགོན་དགའ་ལྡན་བསམ་གཏན་གླིང་།

རྒྱལ་བསྟན་གངས་ཀྱི་རི་ལ་གནས་བཅས་ཤིང་།།འཛིན་མའི་རྡུལ་ལས་བརྒལ་བའི་སྐྱེ་དགུའི་མགོན།།ལུང་རིག་མཆེ་སྡེར་འབར་བའི་གདོང་ལྔ་བ།།བསྐལ་བ་རྒྱ་མཚོའི་བར་དུ་སྤྱི་བོར་འཛིན།། གཞུ་ཤུབས་དགོན་དགའ་ལྡན་བསམ་གཏན་གླིང་ནི།རབ་བྱུང་བདུན་པའི་ལྕགས་ཕོ་སྟག་སྤྱི་ལོ་ ༡༤༡༠ལོར་རྗེའི་དངོས་སློབ་ཚ་ཁོ་དཔོན་པོ་ངག་དབང་གྲགས་པས་དབེན་དགོན་བརྒྱ་དང་བརྒྱད་བཏབས་པའི་ནང་ཚན་ཨ་ཁྱམས་ཡུལ་གྱི་གྱ་གྱུའི་ལམ་གྱི་གཡོན་ཟུར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གནས་ཏེ་སྐུ་གཟུགས་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་གསལ་ཞིང་མཛེས་པ་དེར། གྱ་གྱུའི་དགོན་གསང་སྔགས་དར་རྒྱས་གླིང་བཏབ། དེར་ལ…

0 Comments

མདོ་བ་དགོན་བསམ་གཏན་གླིང་།

མདོ་བ་དགོན་བསམ་གཏན་གླིང་ནི། རབ་བྱུང་བཅུ་གཉིས་པའི་དཀྱིལ་ཡས་མས་སུ། སྤྱི་ལོ་ ༡༧༢ ༠ ཡས་མས་ཤིག་ཏུ་ཁུང་རག་ཟེར་བའི་ལུང་བར། གཉན་རྩེ་དཔོན་སློབ་ཀྱིས་བཏབ་པ། དགའ་ལྡན་པ་བློ་བཟང་དཔལ་འབྱོར་གྱིས་སྤོས་པར་བཤད། རྒྱུད་ཀྱི་འདོན་ཆ་དང་ཆོས་སྤྱོད་བསྐང་གསོ་རྣམས་བཙུགས། གཉན་རྩེ་དཔོན་སློབ་མཆོག་གིས་དགོན་འདི་ཆོས་རྒྱལ་ལ་གཉེར་དུ་གཏད་པས་ཚ་ཁོ། མགོ་ལོག་གི་མི་འགས་གཙེས་པ་ལ་རྟགས་མཚན་མངོན་སུམ་དུ་བསྟན། ལྕགས་མཁར་ཟུར་བཅུ་དྲུག་པ་བཙུགས། དགའ་ལྡན་པ་ངག་དབང་རིན་ཆེན་དང༌།བྱང་ཆུབ་དབང་རྒྱལ་གཉིས་ཀྱིས་ཀྱང་བསྐྱངས། མདོ་བ་ཡར་འཕེལ་ཚང་ཞེས་པའི་དགེ་སློང་བ…

0 Comments

བཙུན་མའི་དགོན་བདེ་ཆེན་ཆོས་འཁོར་གླིང་།

ན་མོ་གུ་རུ་བཛྲ་ཊཱ་ཀི་ཎི་ཡེ།ཟབ་གསལ་གཉིས་མེད་ཡེ་ཤེས་ཆེན་པོའི་སྐུ།།རྣལ་འབྱོར་མ་མཆོག་པདྨས་རྗེས་བསྐྱངས་པའི།།འགག་མེད་བདེ་བ་ཆེན་པོའི་ཡེ་ཤེས་གང་།།བདེ་ལེགས་སྩོལ་མཛད་ལྷག་པའི་ལྷ་དེར་འདུད།། དེ་ཡང་བཙུན་མའི་དགོན་བདེ་ཆེན་ཆོས་འཁོར་གླིང་ནི། རྔ་ཡུལ་བསུ་སྨད་མཁའ་འགྲོ་འདུ་གནས་སུ། རྗེ་ཁཱ་ཤཱི་དཔོན་སློབ་ངག་དབང་ཕུན་ཚོགས་རིན་པོ་ཆེའི་སྐུ་ཚེའི་སྨད་དུ་ཁུ་སིམ་དབེན་པའི་གནས་སུ་མཐོང་བར་ཁཱ་སྒོ་སྡུན་གཉིས་ཀྱིས་ཐོག་མར་གཟིམས་ཁང་ཆུང་ངུ་ཞིག་གསལ་དུ་བཞེངས། དེ་རྗེས་རྗེ་ཉིད་དཔལགསང་བ་འདུས་པའི་བསྙེན་འཚམས་སོགས་གསང་སྔགས་ཟབ་མོའི་ཐུན་མཚམས་སུ་ར…

0 Comments