སློབ་ཕྲུག་ལྟ་སྐྱོང་བ།

འདུས་མང་གིས་འོས་བསྡུ། ལས་ཡུན་ལོ་གཅིག །ལས་མི་གཉིས། 

ལས་འགན་ནི། དགོང་མོར་གྲྭ་ཚང་གི་ཆོས་ར་དང་རྩོད་པ་འཚོགས་སྐབས་ཁང་ཚན་གྱི་སློབ་ཕྲུག་ཚང་མ་རང་སྦྱོང་འཚོགས་རྒྱུ་དང་། དགེ་ཕྲུག་སོ་སོའི་ཉིན་རེའི་བློ་འཛིན་རྒྱུགས་ཞིབ་བྱེད་རྒྱུ། དགེ་ཕྲུག་ཚང་མ་འཛོམས་ཡོད་མེད་ལྟ་རྟོག་དང་གལ་ཏེ་མ་ཚང་ན་ངེས་པར་རྩད་གཅོད་བྱེད་དགོས། ཁང་ཚན་ནང་སློབ་ཚན་བོད་ཀྱི་སྐད་ཡིག་དང་། ཨིན་ཇི། ཨང་རྩིས་སོགས་ལ་འཛིན་གྲྭ་གང་དང་གང་ཁེལ་ཡོད་ན་ཚང་མ་ཡོང་ཡོད་མེད་ལྟ་རྟོག་གནང་དགོས། མཚན་མོ་ཆུ་ཚོད་བཅུ་དང་ཕྱེད་ཟིན་མཚམས་དགེ་ཕྲུག་ཚང་མར་མཉམ་དུ་ཞལ་འདོན་གནང་བཅུག་སྟེ་དགེ་རྒན་སོ་སོའི་ཤག་ལ་སྐྱེལ་དགོས་པ་བཅས་རེད།།