མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་ཅེས་བྱ་བ་བཞུགས་སོ།།

༧རྗེ་གུང་ཐང་བསྟན་བའི་སྒྲོན་མེ།༄༅། །རྒྱལ་ཀུན་མཁྱེན་རབ་གཅིག་བསྡུས་འཇམ་པའི་དབྱངས། །ངུར་སྨིག་གར་གྱིས་རྣམ་རོལ་ཙོང་ཁ་པ། །དངོས་གྲུབ་ཀུན་སྩོལ་བཅོམ་ལྡན་གཤིན་རྗེའི་གཤེད། །རྣམ་གསུམ་དབྱེར་མེད་ཞབས་ཀྱི་པདྨོ་ལ། །གུས་པས་འདུད་དོ་བརྩེ་བས་རྗེས་སུ་ཟུངས། །སྐྱེ་བར་བཏགས་པས་མངོན་རློམ་ཚངས་པ་དང༌། ། ཁེངས་དྲེགས་འབྱོར་པས་གཡེངས་པའི་འདོད་ལྷའི་རིགས། །མ་ཡིན་བློ་གསལ་ཚུལ་མཐུན་དོན་གཉེར་ཅན། ། སློབ་གཉེར་ཚུལ་བཞིན་བྱེད་བར་འདོད་རྣམས་ལ། །གདམས་ངག་ཅུང་ཟད་སྦྱིན་ནོ་ཉོན་ཅིག་ཨང་། །དལ་བའི་རྟེན་ཐོབ་རྒྱལ་བའི་བསྟན་དང་མཇལ། །མཚན་ལྡན་བཤེས་དང་ཆོས་མཐ…

མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་ཅེས་བྱ་བ་བཞུགས་སོ།། ཅེས་པར་དཔྱད་མཆན་སྒོ་བརྒྱབ་ཟིན།

རྩོམ་བསྐུལ་གསལ་བརྡ།

༄༅།། ནང་བསྟན་གཞུང་ལུགས་རྒྱ་མཚོའི་ཉིང་བཅུད་རྣམ་དཔྱོད་ཚུལ་གསུམ་རིགས་པའི་ལམ་ནས་ཧུབ་ཀྱིས་འདྲེན་པའི་རིས་མེད་མཁས་དབང་རིགས་པ་སྨྲ་བའི་སློབ་གཉེར་བ་རྣམས་ཀྱི་མདུན་སར་ཆེད་ཞུ། འདི་ག་འཕགས་ཡུལ་དགའ་ལྡན་ཤར་རྩེ་སོག་པ་ཁང་ཚན་གྱི་ཆོས་རའི་ནང་གི་དྷཱིཿསྐད་རྩོམ་སྒྲིག་ཚོགས་པས་ཕྱི་ལོ་༢༠༠༡ ནས་བཟུང་ད་བར་གདན་ས་གསུམ་གྱིས་གཙོས་བོད་ཕྱི་ནང་གཉིས་ཀྱི་མཁས་དབང་རྣམ་པ་དང་སློབ་གཉེར་བ་རྣམས་ཀྱིས་བརྩམས་པའི་གཞུང་ཆེན་ཁག་གི་དོགས་དཔྱོད། དཔྱད་རྩོམ་བཞི་བརྒྱ་ལྷག་ཅིག་དྷཱིཿསྐད་འདོན་ཐེངས་དང་པོ་ནས་ཉེར་བདུན་པའི་བར་འགྲེམས་སྤེལ་བྱས་ཟིན་པ་ལ་དོན་གཉེར་ཅན…

0 Comments

ཐོར་བུ་སྣ་ཚོགས་ཀྱི་སྐོར།

༄༅། །རྗེ་བླ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་སོགས་ཐོར་བུ་སྣ་ཚོགས་ཀྱི་ལེ་ཚན་བཞུགས་སོ།། ༄༅། །ན་མོ་གུ་རུ་བྷྱཿ  འདིར་བླ་མའི་རྣལ་འབྱོར་སྒོམ་པར་འདོད་པས། །སྐྱབས་སེམས་སྔོན་དུ་བཏང༌། ཆོས་དབྱིངས་ངང་ལས་མདུན་གྱི་མཁའ་དབྱིངས་སུ། །སེང་ཁྲི་པདྨ་ཟླ་བའི་གདན་སྟེང་དུ། །བླ་མ་མཆོག་གསུམ་ཡི་དམ་ཞི་ཁྲོ་དང༌། །རྒྱལ་དང་རྒྱལ་སྲས་དཔའ་བོ་མཁའ་འགྲོ་དང༌། །རང་རྒྱལ་ཉན་ཐོས་ཆོས་སྐྱོང་སྲུང་ཚོགས་བཅས། །སྐྱབས་གནས་མ་ལུས་འདུས་པའི་ངོ་བོ་ཉིད། །རིགས་གསུམ་སྒྱུ་འཕྲུལ་འཇམ་མགོན་བློ་བཟང་གྲགས། །སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་ཤིང༌། །ཕྱག་གཉིས་ཆོས་འཁོར་…

0 Comments

གྲུབ་མཐའ་རིན་ཕྲེང་།

རྨད་བྱུང་ཚོགས་གཉིས་གངས་ཀྱི་རི་བོ་སྙིང་རྗེའི་དྲོད་ཀྱིས་བཞུས་པའི་རྒྱུན།། ལྷུན་གྲུབ་ཆོས་སྐུའི་འཛིན་མར་ཡོངས་འཁྱིལ་གྲུབ་མཐའ་རྣམ་བཞིའི་ཆུ་ཀླུང་འགྱེད།།འཕྲིན་ལས་རླབས་ཕྲེང་གནམ་དུ་སྐྱོང་བས་མུ་སྟེགས་བྱིས་པ་སྐྲག་བྱེད་པ།། རྒྱལ་སྲས་གདེངས་ཅན་བྱེ་བའི་འཇུག་ངོགས་ཐུབ་དབང་མ་དྲོས་མཚོ་ཆེན་རྒྱལ།།རྒྱལ་བའི་རྒྱལ་ཚབ་མི་ཕམ་མགོན་པོ་དང་།། རྒྱལ་བའི་མཁྱེན་རབ་གཅིག་བསྡུས་འཇམ་དཔལ་དབྱངས།།རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་ཐོགས་མེད་ཞབས།། རྒྱལ་བ་གཉིས་པ་ཡབ་སྲས་བཅས་ལ་འདུད།།གང་ཞིག་རྟོགས་ན་ཕྱི་དང་ནང་གི་བསྟན་པའི་ཁྱད་པར་ཀུན་མཐོང་ཞིང་།། རབ་འབྱམས་…

0 Comments

བླ་མའི་ཞབས་བརྟན་ལོ་གསར་གྱི་ལེགས་སྐྱེས་སུ་ཕུལ།

༄༅། །འཆི་མེད་ཟླ་ཞུན་ཐིག་ལེ་འཛུམ་པའི་སྐུ། །ཚེ་དང་ཡེ་ཤེས་མངོན་འདོད་ཡིད་བཞིན་དཔལ།།རྩིབས་བརྒྱད་འཁོལ་ལོས་རབ་སྒེག་བཅོམ་ལྡན་མས། །འཆི་མེད་བདུད་རྩིའི་གྲུ་ཆར་དེང་འདིར་ཕོབས།། སྣ་ཚོགས་བློ་དང་དབང་བོར་འཚམས་པ་ཡི། །ཀུན་བཟང་ཐུབ་དབང་བསྟན་པའི་རང་ལུགས་ཆེ།།མཁྱེན་རབ་བཟང་བོས་རྒྱ་ཆེར་སྤེལ་བའི་གཉེན། །མཚོ་བྱུང་དགྱེས་པའི་དབང་པོར་གསོལ་བ་འདེབས།། བློ་ཆེན་ཀུན་བཟང་ཐུབ་བསྟན་ཀུན་དའི་ཚལ། །མཁྱེན་རབ་འོད་དཀར་འབུམ་གྱིས་འབྱེད་པའི་གཉེན།།རྒྱ་ཆེན་ཕན་བདེའི་རོལ་མཚོ་སྤེལ་བའི་མཆོག །མཚུངས་མེད་སྨྲ་བའི་ཟླ་བར་ཞབས་བརྟན་ཤོག།།མཆོག་གསུམ་བསླུ་མེད་བད…

0 Comments

མཚན་ཕུད་དམ་བཅའ།

ལོ་ལྟར་ཤར་བྱང་དགེ་བཤེས་ལྷ་ཚོགས་ཀྱི་དགེ་བཤེས་རྣམ་པས་སོག་པ་འཇམ་དབྱངས་ཁང་ཚན་དུ་གཞུང་ཆེན་ལྔའི་མཚན་ཕུད་དམ་བཅའ་འཇོག་སྲོལ་ཡོད་པ་བཞིན་ཁ་སང་མཛད་རིམ་གནང་སོང་།

0 Comments

སྤྱི་ལོའི་ཚེས་གཅིག་ཉིན།

སྤྱི་ལོའི་ཚེས་གཅིག་ཉིན་རྒྱ་གར་གྱི་སྲོལ་རྒྱུན་ཞོགས་ཟས་བཞེས་བཞིན་པ།སྤྱི་ལོའི་ཚེས་གཅིག་ཉིན་དགེ་བཤེས་རྣམས་དང་བགྲོ་གླེང་གི་བར་སེང་ལ་སྒྲོན་པའི་སྐུ་པར། ༸སྐྱབས་རྗེ་མཁན་ཟུར་ཨ་མཆོག་རིན་པོ་ཆེ་དང་ཁང་ཚན་ནས་བོད་ཡུལ་ལ་ཕེབས་ནས་བསྟན་འགྲོའི་དོན་བྱེད་བཞིན་པའི་དགེ་བའི་བཤེས་གཉེན་རྣམ་པའི་སྐུ་པར།

0 Comments

ཆོས་རའི་ནང་གི་དྷཱི་སྐད།

གདན་ས་ཁག་གི་སློབ་གཉེར་བའི་མཚོན་པས་བོད་ཕྱི་ནང་གཉིས་ན་བཞུགས་པའི་ཆོས་རའི་ནང་གི་དྷཱི་སྐད་ཀློག་པ་པོ་རྣམས་ལ་ཞུ་རྒྱུ། རང་ལོ་ཉི་ཤུ་ལོན་པའི་གྲྭ་སའི་དུས་དེབ་འདི་ད་ལོ་འདོན་ཐེངས་༢༧པ་དཔར་བསྐྲུན་བྱས་ཟིན་པས། ཁྱེད་རྣམ་པ་ཚོ་སུ་ལ་དགོས་མཁོ་ཡོད་ན་དུས་དེབ་ཁང་གི་ལས་བྱེད་དང་། དུས་དེབ་འདིའི་ངོ་དེབ་བརྒྱུད་ནས་མངག་ཆོག

0 Comments

གྲྭ་བའི་ཚན་རིག

དབྱིན་ཡིག་ཁ་བྱང་འདིའི་ཐོག་དབྱིན་ཡིག་ཐོག་གཟིགས་ཐུབ།https://openbuddhism.org/said-achok-rinpoche-in-2004/ ཕྱི་ལོ་༢༠༠༤ལོར་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་སྐབས་དེའི་འགན་འཛིན་དང་། གྲྭ་བཙུན་ལ་ཚན་རིག་སློབ་ཁྲིད་ཀྱི་ལས་འཆར་འགན་འཛིན་ཨ་མཆོག་རིན་པོ་ཆེ་Netherlands ནི་ཐའེ་ལན་ཌིར་གཟིགས་སྐོར་ལ་ཕེབས་པ་དང་། ངས་ཁོང་དང་ལྷན་དུ་ནང་ཆོས་དང་ཚན་རིག་མཐུད་ཁ་བྱུང་བའི་གནས་སྟངས་ཐོག་གླེང་མོལ་ཐེངས་འགའ་བྱས་ཤིང་། སྐབས་དེ་དུས་ཚོགས་བཅར་བ་ཁ་ཤས་ཀྱང་བགྲོ་གླེང་དེར་ཞུགས་སོང་།ཨ་མཆོག་རིན་པོ་ཆེས། ཐོག་མར་ངས་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་དང་། ༸གོ…

གྲྭ་བའི་ཚན་རིག ཅེས་པར་དཔྱད་མཆན་སྒོ་བརྒྱབ་ཟིན།