༄༅། །སྒྲ་དབྱངས་ལྷ་མོའི་སྒྲུབ་ཐབས་དངོས་གྲུབ་མྱུར་སྩོལ་ཅེས་བྱ་བ་བཞུགས་སོ།།
༄༅། །ན་མོ་གུ་རུ་སྭ་ར་སྭསྟྱི། །མ་ལུས་རྒྱལ་བའི་མཁྱེན་རབ་ཡེ་ཤེས་ཉིད། །སྨིན་ལེགས་མཚན་དཔེའི་དབྱིང་དུ་ཡོངས་སྨིན་བ། །ཟླ་སྲིད་དཔལ་མོ་ལོངས་སྤྱོད་འཁོར་ལོའི་མཚོར། །ཉེར་བཞུགས་སྨྲ་བའི་དངོས་གྲུབ་དེང་འདིར་སྩོལ། །གང་གང་འགྲོ་བློའི་རྨོངས་མུན་དྲུངས་ཕྱུང་སྟེ། །རྣམ་འབྱེད་ཤེས་རབ་སྣང་པའི་དཔལ་སྦྱིན་མཁན། །ཚངས་སྲས་ལྷ་མོའི་སྒྲུབ་ཐབས་མ་ལི་ཀ །བློ་གསལ་གར་མཁན་ཡོངས་ཀྱི་རྒྱན་དུ་སྤེལ།དེ་ལ་འདིར་དཔའ་པོ་གཅིག་སྒྲུབ་དང་།གཤིན་རྗེ་གཤེད་དམར་ནག་གི་རྒྱུད་ལས་གསུངས་པའི་ཝང་ལྷ་མོ་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་ཉམས་སུ་ལེན་བར་འདོད་པས། ཤ་ཆང་སྒོག…