ཨ་མཆོག་རིན་པོ་ཆེ་སྐུ་འཕྲེང་བཞི་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

རིག་གཏེར་ལས་བསྡུས། ༄༅། །ྋསྐྱབས་རྗེ་མཁན་ཟུར་ཨ་མཆོག་རྡོ་རྗེ་འཆང་སྐུ་འཕྲེང་བཞི་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་ནི། རབ་བྱུང་བཅུ་དྲུག་པའི་ཤིང་མོ་བྱ་སྟེ་སྤྱི་ལོ་ ༡༩༤༥ ལོའི་ཟླ་ ༡ ཚེས་ ༨ ཉིན་མདོ་སྨད་ས་ཡི་ཐིག་ལེ་རྒྱལ་མོ་རོང་གི་སའི་ཆར་མཆོག་རྩེའིི་ཡུལ་ཁྲོ་སྐྱབས་ཉ་ཚང་ཞེས་བྱ་བའི་ཁྱིམ་དུ། རིགས་རུས་ཕུན་སུམ་ཚོགས་པའི་ཡབ་ཁྲོ་བོ་དང་ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་བཀྲ་ཤིས་པའི་ལྟས་བཟང་དང་བཅས་གཟུགས་སྐུའི་མེ་ཏོག་དང་པོར་བཞད། སྐུ་འཁྲུངས་པའི་མཚན་མོ་དེར་ཡུམ་གྱི་མནལ་ལམ་དུ་མཚན་ལྡན་བ…

ཨ་མཆོག་རིན་པོ་ཆེ་སྐུ་འཕྲེང་བཞི་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས། ཅེས་པར་དཔྱད་མཆན་སྒོ་བརྒྱབ་ཟིན།

༄༅།།ལྷོ་རྒྱུད་བསྟན་པའི་མཛེས་རྒྱན་ཆོས་ཀྱི་སྡེ་ཆེན་པོ་ཨ་མཆོག་མཚན་ཉིད་དགོན་དཔལ་ལྡན་སྨྲ་བའི་སེངྒེ་གླིང་གི་ལོ་རྒྱུས་མདོ་ཙམ་བརྗོད་པ་བཞུགས་སོ། །

ཁྲི་ཟུར་མཁན་སྙིང་ཨ་ལགས་ཀྱིས་གསུངས། མཚམ་ཉིད་དགོན་པའི་ལོ་རྒྱུས། ན་མོ་གུ་རུ་མཛྙུ་གྷོ་ཥ་ཡ། རྨད་བྱུང་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས། ། ཉེས་བའི་དྲི་མ་མཐའ་དག་རྩད་ནས་སྤངས། ། ཀུན་ལ་ཉེ་རིང་མེད་པའི་ཐུགས་རྗེ་ཅན། །མཉམ་མེད་ཐུབ་པའི་དབང་བོ་མཆོག་དེར་འདུད། ། རབ་འབྱམས་རྒྱལ་བའི་ཡེ་ཤེས་རང་གཟུགས་ནི།།མཚུངས་མེད་བླ་མ་མཆོག་གི་སྐུ་ཤར་བ། །ཁམས་གསུམ་འགྲོ་བའི་སྐྱབས་གཅིག་བློ་བཟང་གྲགས། །རྗེ་བཙུན་ཙོང་ཁ་པ་ལ་སྙིང་ནས་འདུད། །འཇིགས་མེད་འཇམ་མགོན་རྒྱལ་བའི་བསྟན་པའི་གདུགས།། མི་དམན་ཐུགས་བསྐྱེད་བཤད་སྒྲུབ་དཔུང་བ་ཡིས། །དྲེགས་ལྡན་དབང་ཕྱུག་ལྷ་མི…

0 Comments

ཨ་མཆོག་རིན་པོ་ཆེ་སྐུ་འཕྲེང་གཉིས་པའི་རྣམ་ཐར།

ཨ་མཆོག་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་༸དཀོན་མཆོག་བསྟན་པའི་རྒྱལ་མཚན་ལ་ནམོ། ༄༅།།སྐྱེས་བུའི་ཁྱུ་མཆོག་དམ་པ་མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་བླ་མ་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་དཔག་ལྗོན་པ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ ཚོགས་གཉིས་ཆུ་གཏེར་གཏིང་མཐའ་མི་མངོན་ཞིང་། །མཚན་དཔེའི་གཟི་བརྗིད་རིན་ཆེན་འབྱུང་གནས་མཆོག །འཕྲིན་ལས་ཟེགས་མ་འབུམ་འཕྲོ་ཙོང་ཁ་བ། །མཁས་གྲུབ་གདེངས་ཅན་རོལ་གནས་རྒྱལ་གྱུར་ཅིག །རབ་དཀར་གཡས་སུ་འཁྱིལ་བའི་ཆོས་ཀྱི་དུང་། །ས་གསུམ་སྙན་པར་བསྒྲགས་པས་སྐལ་བཟང་ཀུན། །མ་རིག་འཐ…

ཨ་མཆོག་རིན་པོ་ཆེ་སྐུ་འཕྲེང་གཉིས་པའི་རྣམ་ཐར། ཅེས་པར་དཔྱད་མཆན་སྒོ་བརྒྱབ་ཟིན།

ང་ཚོའི་སྐོར།

༄༅། །སོག་པ་འཇམ་དབྱངས་ཁང་ཚན་ཞེས་པའིི་དྲ་བ་འདི་སོག་པ་འཇམ་དབྱངས་ཁང་ཚན་གྱི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་དགེ་བཤེས་བློ་བཟང་རྣམ་རྒྱལ་དང་དགེ་འདུན་པ་འགས་ཁང་ཚན་འདིའི་ཆོས་ཕྱོགས་ཀྱི་དགོས་མཁོ་ལ་གཟིགས་དེ་སྒྲིག་སྦྱོར་བྱས་པ་ཞིག་ཡིན། དམིགས་ཡུལ་གཙོ་བོ། ཁང་ཚན་འདི་ནས་སློབ་གཉེར་མཐར་ཕྱིན་ཏེ་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་ཕན་རླབས་ཆེན་པོ་གནང་པའི་གནའ་དེང་གི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་ཀྱི་རྣམ་ཐར་དང་དེ་རྣམས་ཀྱི་གསུངས་རྩོམ་དང་། ལོ་རྒྱུས་དུས་རབས་ཀྱི་འགྲོས་དང་བསྟུན་ནས་ཁང་ཚན་འདི་ལ་འབྲེལ་ཡོད་གཞོན་སྐྱེས་ཚོ་ནང…

0 Comments

༄༅། །ངེས་པ་དོན་གྱི་ཡོངས་འཛིན་དམ་པ་ཨ་མཆོག་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་སྤྲུལ་བའི་སྐུ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་པོའི་འཁྲུངས་རབས་གསོལ་འདེབས།

མཁའ་མཉམ་འགྲོ་བ་སྤྱི་དང་ཁྱད་པར་དུ། །དམུ་རྒོད་ཞིང་འདིའི་གདུལ་བྱ་རྗེས་འཛིན་སླད། །བཅུ་གཉིས་མཛད་པ་གསར་སྟོན་ཤཱཀྱའི་ཏོག །རྣམ་འདྲེན་ཉི་མའི་གཉེན་གྱིས་འགྲོ་འདི་སྐྱོངས། །དག་དང་མ་དག་ཞིང་ཁམས་རབ་འབྱམས་སུ། །ཆུ་སྣོད་ཇི་སྙེད་དེ་སྙེད་ཟླ་སྣང་བཞིན། །སྤྲུལ་བའི་བཀོད་པ་རིམ་དང་ཅིག་ཅར་དུ། །བསྒྱུར་མཛད་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །ཐུབ་དབང་ཞལ་ལས་དག་གསལ་གཉེན་པོའི་ཆོས། །ལེགས་འོང་མཆོག་གྱུར་ཤེས་རབ་ཕ་རོལ་ཕྱིན། །མཉན་དང་སྡུད་མཛད་འཆད་ལ་ཐོགས་མེད་པ། །ཉན་ཐོས་ཀུན་དགའ་བོ་ལ་གསོལ་བ་འདེབས། །སྔོན་ཚེ་ཙ་ན་ཀ་ཡི་གྲོང་ཁྱེར་དུ། ། བྲམ་ཟེ་ལེགས་ས…

༄༅། །ངེས་པ་དོན་གྱི་ཡོངས་འཛིན་དམ་པ་ཨ་མཆོག་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་སྤྲུལ་བའི་སྐུ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་པོའི་འཁྲུངས་རབས་གསོལ་འདེབས། ཅེས་པར་དཔྱད་མཆན་སྒོ་བརྒྱབ་ཟིན།

མཚན་ཉིད་དགོན།

༄༅།།ལྷོ་རྒྱུད་བསྟན་པའི་མཛེས་རྒྱན་ཆོས་ཀྱི་སྡེ་ཆེན་པོ་ཨ་མཆོག་མཚན་ཉིད་དགོན་དཔལ་ལྡན་སྨྲ་བའི་སེངྒེ་གླིང་གི་ལོ་རྒྱུས་མདོ་ཙམ་བརྗོད་པ་བཞུགས་སོ། ། ན་མོ་གུ་རུ་མཛྙུ་གྷོ་ཥ་ཡ། རྨད་བྱུང་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས། ། ཉེས་བའི་དྲི་མ་མཐའ་དག་རྩད་ནས་སྤངས། ། ཀུན་ལ་ཉེ་རིང་མེད་པའི་ཐུགས་རྗེ་ཅན། །མཉམ་མེད་ཐུབ་པའི་དབང་བོ་མཆོག་དེར་འདུད། ། རབ་འབྱམས་རྒྱལ་བའི་ཡེ་ཤེས་རང་གཟུགས་ནི།།མཚུངས་མེད་བླ་མ་མཆོག་གི་སྐུ་ཤར་བ། །ཁམས་གསུམ་འགྲོ་བའི་སྐྱབས་གཅིག་བློ་བཟང་གྲགས། །རྗེ་བཙུན་ཙོང་ཁ་པ་ལ་སྙིང་ནས་འདུད། །འཇིགས་མེད་འཇམ་མགོན་རྒྱལ་བའི་བས…

0 Comments

དགོན་གསར་དགོན་དགའ་ལྡན་འཇམ་དབྱངས་གླིང༌།

མཚན་ཉིད་དགོན་གྱི་སྒྲུབ་སྡེ་དགོན་གསར་དགའ་ལྡན་འཇམ་དབྱངས་གླིང༌ནི། རྔ་བ་མཁར་རིས་སུ་གྲགས་པ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁ་གྱ་དགེ་བཤེས་མན་ངག་གསུམ་ལ་མཁས་པ་བློ་བཟང་ཚུལ་ཁྲིམས་ཀྱིས་བཏབ། གཞན་ཡང་དགའ་ལྡན་ཤར་རྩེ་སོག་པ་རབ་འབྱམས་པ་བློ་བཟང་ཕུན་ཚོགས་ཀྱིས་བཏབ་ཀྱང་ཟེར། ཁ་གྱ་དགེ་བཤེས་ཀྱིས་བསོད་གྲགས་པའི་གསང་འདུས་བསྐྱེད་རྫོགས་དཔར་དུ་བསྐྲུན། ལྷ་མོའི་ཀིརྟིའི་རྒྱུད་ཁྲི་མཛད། མངོན་སྤྱོད་ཀྱི་ལས་སྒྲུབ་པར་ཆོས་རྒྱལ་རང་བཞིན་དུ་འཁོར། སངས་རྒྱས་ལོག་པར་དད་སེལ་གྱི་ཞིང་ནས་བྱོན་པ་ཡིན་ཞེས་ཞལ་ལས་གསུངས། རྗེས་ནས་ཨ་མཆོག་རིམ་བྱོན་གྱིས་བསྐྱངས། …

0 Comments