དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས་གསུངས་ཆོས།
དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས་དགའ་ལྡན་ཤར་རྩེ་གྲྭ་ཚང་ནས་དཔལ་བདེ་མཆོག་དྲིལ་བུ་ལྷ་ལྔའི་བཀའ་དབང་གནང་སྐབས་ཀྱི་སྐུ་དཔར།༢༠༢༥།༠༤།༢༤ དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས་དགའ་ལྡན་ཤར་རྩེ་གྲྭ་ཚང་ནས་དཔལ་བདེ་མཆོག་དྲིལ་བུ་ལྷ་ལྔའི་བཀའ་དབང་གནང་སྐབས་ཀྱི་སྐུ་དཔར། ༢༠༢༥།༠༤།༢༤།
དགའ་ལྡན་ཤར་རྩེའི་དགེ་བསྐོས།
དགའ་ལྡན་ཤར་རྩེ་སོག་པ་འཇམ་དབྱངས་ཁང་ཚན་གྱི་དགེ་བཤེས་ལྷ་རམས་པ་ཤེས་རབ་བསམ་གཏན་མཆོག་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཁྲིམས་བདག་དགེ་བསྐོས་ཀྱི་ལས་ཁུར་ཞུས་པའི་རྟེན་འབྲེལ་མཛད་སྒོའི་སྐབས་ཀྱི་པར་རིས།
གསར་བརྡ།
དགའ་ཤར་སོག་པ་འཇམ་དབྱངས་ཁང་ཚན་གྱི་དུས་དེབ་༼ཆོས་རའི་ནང་གི་དྷཱིཿསྐད་༽འདོན་ཐེངས་སོ་གཅིག་པ་དཔར་དུ་བསྐྲུན་ཟིན་པས། མི་འགྱང་བར་འཇང་དགུན་ཆོས་ཐོག་དང་རིགས་ཚོགས་ཆོས་ཐོག་སྐབས། གདན་ས་དགའ་ལྡན་དང་སེ་ར་གཉིས་ནས་སྔར་བཞིན་གཟིགས་འབུལ་ཞུ་རྒྱུ་ཡིན་ལ། དེ་བཞིན་དུ་དྷཱིཿསྐད་ཕྱོགས་བསྡུས་དེབ་ཕྲེང་ཡང་བླུ་རྒྱུ་ཡོད་པ་ལགས་ན། རྒྱ་ཆེའི་འདུས་མང་གིས་དུས་ཐོག་ཐུགས་སྣང་འཚལ་ཞེས། ཆོས་རའི་ནང་གི་དྷཱིཿསྐད་རྩོམ་སྒྲིག་པས།
རྒྱལ་བའི་འཁྲུངས་སྐར་དང་འཛམ་གླིང་བྱམས་བརྩེའི་ཉིན་མོ་བསུ།
༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་བའི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས་གྲངས་མེད་ཞུ་བ་དང་།ད་ལོ་ནས་བཟུང་སྟོན་པ་ཤཀྱཱ་ཐུབ་པའི་རྗེས་འཇུག་ཡོངས་ནས་ལོ་ལྟར་སྤྱི་ཟླ་༧ཚེས་༦ཉིན་འཛམ་གླིང་བྱམས་བརྩེའི་ཉིན་མོ་སྲུང་རྩི་ཞུ་རྒྱུ་གཏན་འབེབས་བྱུང་བ་རྟེན་འབྲེལ་ཞུ།
དཔེ་མཛོད་ལས་ཆོས་རའི་དྷཱི་སྐད་ཀྱི་ལས་བྱེད་གསར་བ།
དགེ་བཤེས་ཡར་འཕེལ་རྒྱ་མཚོ། དགེ་བཤེས་མང་ཐོས་རྒྱ་མཚོ། དགེ་བཤེས་ཀླུ་སྒྲུབ་ཉི་མ།
གོ་སྟོན།
ཁང་ཚན་འདི་ཡི་སྲོག་ཤིང་ཏུ་གྱུར་བ་རྒན་ཀླུ་སྒྲུབ་ཆོས་དར་མཆོག་ལ་ཁང་ཚན་འདུས་མང་ནས་གོ་སྟོན་ཞུ་བཞིན་པའི་པར། རྒན་ཀླུ་སྒྲུབ་ཆོས་དར་མཆོག་གི་གོ་སྟོན། རྒན་ཀླུ་སྒྲུབ་ཆོས་དར་མཆོག་གི་གོ་སྟོན།
ཤིས་ཚིག་འོད་ཀྱི་དཀྱིལ་འཁོར།
༄༅། །བཙས་པ་འཇིག་རྟེན་རྙིང་པའི་དུས། །ལག་རྗེས་བྲག་ལ་རྐོ་འདོད་པ། །ན་སོ་བརྒྱད་ཅུར་སོན་པ་ཅན། །ཨ་ཡིག་མཆོག་རྩེར་བཞད་པའི་གཏམ། །༡མཆོག་གསུམ་གཙུག་ཏུ་འཛིན་པའི་སྒོ་གསུམ་ལས། །ཏྭཱ་རེ་མ་ལྟར་འབོད་པའི་གསོལ་འདེབས་ངང་། །ཚིག་ལ་མི་རྟོན་དོན་ལ་རྟོན་ནོ་ཞེས། །སྨྲ་བ་ཚད་མར་འཛིན་པའི་མཆོག་རྩེ་པས། །༢ཆོས་ལྡན་རྒྱལ་པོས་མཛུབ་མོར་བརྩིས་པ་དང་། །ཡེ་ཤུའི་ཨ་མས་གློག་ཀླད་བརྩིས་པའི་འབྲས། །ཉིས་སྟོང་ཉེར་བཞིའི་ཤིང་ཕོ་འབྲུག་གི་ལོ། །དངོས་སུ་བྱོན་པར་བཀྲ་ཤིས་བདེ་ལེགས་ཞུ། །༣གངས་རིའི་རྭ་བ་རྡོག་པས་བཅད་པའི་ཉིན། །སྒོ་གསུམ་དྲི་མ་བདུད་རྩི་གངྒཱས་བཀྲུས…
- 1
- 2
- 3
- 4
- 5
- Go to the next page