༄༅། །སྨན་བླའི་གསོལ་འདེབས་ཡུལ་འཁྲུག་ཞི་བའི་འདོད་གསོལ།
རིགས་བརྒྱའི་ཁྱབ་བདག་རྩ་བའི་བླ་མ་དང༌། ། དབྱེར་མེད་བཻ་ཌཱུརྱ་སྣང་ཞིང་གི་མགོན། །མཚན་ཙམ་གྱིས་ཀྱང་ནད་དང་བསྡུག་བསྔལ་ཀུན། །འཇོམས་མཛད་སྨན་པའི་རྒྱལ་བོར་གསོལ་བ་འདེབས། །བདེ་གཤེགས་བདུན་གྱི་ཐུགས་རྗེའི་བྱིན་རླབས་ཀྱིས། །སྔོན་ལས་འཕྲལ་རྐྱེན་ངན་པས་བསྐྱེད་པ་ཡི། །ནད་གདོན་སྡུག་བསྔལ་བར་ཆད་ཀུན་ཞི་ནས། །ཚེ་བསོད་བདེ་སྐྱིད་དབྱར་མཚོ་ལྟར་རྒྱས་ཤིང༌། །བཅོས་མིན་གཞན་ཕན་སྙིང་རྗེས་རྒྱུད་བསྐུལ་ཏེ། །རྒྱལ་སྲས་སྤྱོད་པའི་ཉམས་ལེན་མཐར་ཕྱིན་ནས། །སྲིད་ཞིའི་སྡུག་བསྔལ་རྒྱ་མཚོ་ལས་བསྒལ་ཏེ། །བླ་མེད་གཏན་བདེའི་དཔལ་ལ་རེག་གྱུར་ཅིག །ཅེས་པ་འདི་ཡང་འད…